« 【イベント】2/12@横浜「いつかチベットに行きたい人の「チベット問題」入門」by長田幸康 | トップページ | チベット支援デモは中止@東京・大阪 »

2011年2月23日 (水)

ཀ་མད་སུམ་བཅུ།

ང་ནི་གངས་རའི་གངས་ཕྲུག་ཡིན།
ཁྱོད་ནི་རྩྭ་ཐང་ནས་སྐྱེས་པའི་མེ་ཏོག་ཡིན།

ཀ་ཁ་ག་ང་། ་ཅ་ཆ་ཇ་ཉ།
ཏ་ཐ་ད་ན། པ་ཕ་བ་མ། ཙ་ཚ་ཛ་ཝ།
ཞ་ཟ་འ་ཡ། ར་ལ་ཤ་ས། ཧ་ཨ།
ཨི་ཨུ་ཨེ་ཨོ། སེམས་ལ་ཟུངས།

མཁས་མཆོག་ཐོན་མི་སཾབྷོཊས།
རྒྱ་གར་ཡི་གེར་དཔེར་བླངས་ནས།
བོད་ཡིག་འབྲི་བའི་སྲོལ་ཆེན་བཏོང།
དབྱངས་བཞི་གསལ་བྱེད་སུམ་བཅུ་དང་།
གསལ་བྱེད་ནང་ནས་རྗེས་འཇུག་བཅུ།
ག་ང་ད་ན་བ་མ་འ། ར་ལ་དང་རྗེས་འཇུག་བཅུ།
ང་ཚོ་ཚང་མས་སེམས་ལ་ཟུངས།།

བརྩེ་སྡན་གྱི་གངས་ཕྲུག་ཚོགས་རྣམས།
བོད་རང་ལ་ཁ་དཔེ་ཞིག་ཡོད་དེ།
སྐད་རིགས་ཐམས་ཅད་ཤིས་ན་བཟང་མོད་ཀྱང་།
རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན།

ང་ནི་གངས་རའི་གངས་ཕྲུག
ཁྱོད་ནི་རྩྭ་ཐང་ནས་སྐྱེས་པའི་མེ་ཏོག
ཚང་མས་ཤེས་རིག་སྦྱོང་ཡ།

བརྩེ་སྡན་གྱི་གངས་ཕྲུག་ཚོགས་རྣམས།
བོད་རང་ལ་ཁ་དཔེ་ཞིག་ཡོད་དེ།
སྐད་རིགས་ཐམས་ཅད་ཤིས་ན་བཟང་མོད་ཀྱང་།
རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན།

ང་ནི་གངས་རའི་གངས་ཕྲུག་ཡིན།
ཁྱོད་ནི་རྩྭ་ཐང་ནས་སྐྱེས་པའི་མེ་ཏོག་ཡིན།

« 【イベント】2/12@横浜「いつかチベットに行きたい人の「チベット問題」入門」by長田幸康 | トップページ | チベット支援デモは中止@東京・大阪 »

音楽」カテゴリの記事

無料ブログはココログ